Author Archives: Chundak Nangpa

From Chungdak Nangpa

སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།། བདག་གི་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཨེ་མ་ཧོ། ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་།། གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་།། གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་བཞུགས།། སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར།། བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི།། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར།། བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག། སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ།། དེ་རུ་སྐྱེས་ཤིང་སྣང་མཐའི་ཞལ་མཐོང་ཤོག། འདི་སྐད་བདག་གིས་སྨོན་ལམ་བཏབ་པ་ན།། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔག་མེད་ཀྱིས།། གེགས་མེད་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ཏཱདྱ་ཐ། པཉྩ་དྲི་ཡ་ཨ་ཝ་བྷོདྷ་ན་ཡེ་སྭཧ།། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།། ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།། དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས།། ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།བདག་གི་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས།།འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཨེ་མ་ཧོ།ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་།།གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་།།གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་བཞུགས།།སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར།།བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི།།བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར།།བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག།སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ།།དེ་རུ་སྐྱེས་ཤིང་སྣང་མཐའི་ཞལ་མཐོང་ཤོག།འདི་སྐད་བདག་གིས་སྨོན་ལམ་བཏབ་པ་ན།།ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔག་མེད་ཀྱིས།།གེགས་མེད་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།ཏཱདྱ་ཐ། པཉྩ་དྲི་ཡ་ཨ་ཝ་བྷོདྷ་ན་ཡེ་སྭཧ།། སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་།།ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་།།དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས།།ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག།

Posted in Remembering Gene | Comments Off on From Chungdak Nangpa