Author Archives: sachu

From Sachu

མདང་ནུབ་གྲོགས་པོ་ཞིག་གི་ངག་ནས་E. Gene Smith་དགོངས་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་འཕྲལ་བདག་ནི་ཡིད་ཅིག་མ་ཆེས་ཏེ།དེ་མ་ཐག་ཏུ་བོད་ཀྱི་ནང་བསྟན་དཔེ་ཚོགས་ཀྱི་དྲ་ཐོག་ཏུ་བལྟས་པས་ཤིན་ཏུ་ཡིད་སྐྱོ་བའི་གཏམ་དེ་དངོས་སུ་མིག་ལམ་དུ་ཤར།ཀྱེ་མ་ཀྱེ་ཧུད།འགྲོ་བ་མིའི་རིགས་སྤྱི་ལ་མཛད་རྗེས་བླ་ན་མ་མཆིས་པའི་མཁས་པའི་དབང་པོ་ཞིག་རང་ཉིད་ཀྱི་མཛད་པའི་འཕྲོ་མ་རྫོགས་པར་འདི་ལྟར་གློ་བུར་དུ་གཤེགས་པ་ནི་བདག་སོགས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་གྱོང་ཆེན་པོ་ཞིག་སྟེ།གཏམ་འདི་ཐོས་ནས་ཆུ་ཚོད་དུ་མའི་རིང་ལ་ཁོ་བོའི་ཡིད་ནི་མྱ་ངན་གྱིས་གདུངས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར།ལོ་ངོ་དྲུག་གི་སྔོན་ལ་བདག་ལ་སྐྱེ་བུ་དམ་པ་འདི་ཉིད་མཇལ་བའི་སྐལ་བ་ཐོག་མར་ཐོབ།ཡིན་ན་འང་དེའི་སྔོན་ནས་ཡིག་ཐོག་ནས་འབྲེལ་བ་བྱུང་སྟེ་ཕན་ཚུན་ཤིན་ཏུ་འདྲིས་པའི་གྲོགས་པོར་གྱུར།མཇལ་བའི་ཉིན་མོར་དམ་པ་འདི་ཉིད་དང་བཀའ་མོལ་གནང་དུས་ཁོང་གི་ཡོན་ཏན་གྱིས་བདག་གི་ཡིད་འཕྲོག་ཏེ་རང་དབང་མེད་པར་གུས་པའི་མེ་ཏོག་སྙིང་གི་དཀྱིལ་དུ་བཞད།གངས་ཅན་གྱི་སྐད་དུ་བཞུགས་པའི་གནའ་རབས་ཀྱི་ཡིག་ཆ་དང་།གསུང་འབུམ།ལོ་རྒྱུས།རིས་སུ་མ་ཆད་པའི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་རྣམས་ལ་གནས་གང་དུ་བཞུགས་པ་དང་།རྩོམ་པ་པོ་སུ་ཞིག་ཡིན་པ་དང་།འཁྲུངས་འདས་ཀྱི་ལོ་རབས་སོགས་ལས་བརྩམས་ཏེ་དྲི་བ་སྣ་ཚོགས་ཞུས་ཡང་དེ་དང་དེའི་ལན་ཚང་ལ་མ་ནོར་བ་དང་ཡིད་ཀྱི་རེ་བ་སྐོང་ནུས་པ་ཤ་སྟག་གསུངས།ནང་པ་ཞིག་གི་ཐོག་ནས་བལྟས་ན་སྐྱེ་བུ་འདི་ནི་གདོན་མི་ཟ་བར་བྱང་ཆུབ་སེམས་དཔའ་ཞིག་ཡིན་རྒྱུ་རེད་སྙམ་པའི་འདུ་ཤེས་དབང་མེད་དུ་སྐྱེས།མི་སུ་དང་འཕྲད་ནའང་དགའ་བའི་འཛུམ་གྱིས་བསུ་ཞིང་གང་ནུས་ཅི་ལྕོགས་ཀྱིས་གཞན་ཕན་ཁོ་ན་སྒྲུབ་པས་དུས་འདའ་བ་ཞིག་མཆིས།བོད་ཀྱི་རིག་གནས་ལ་དོན་གཉེར་ཅན་ཞིག་ཡིན་ཚེ་དེ་ལ་མཁོ་བའི་དཔེ་ཆ་རྣམས་དངོས་སུ་གནང་བ་དང་།སྐྱེས་སུ་བསྐུར་བ་དང་།ཞིབ་འཇུག་གི་ལས་ལ་སྐུལ་བ་སོགས་སྐྱེ་བོ་ཕལ་བའི་བློ་ལ་མི་དཔོག་པའི་སྤྱོད་པ་ལྷུར་མཛད། དམ་པ་འདི་ཉིད་ཀྱིས་མི་ཚེ་གང་བོར་ཡུལ་གངས་ཅན་གྱི་སྐད་དུ་བཞུགས་སོ་ཅོག་གི་གསུང་རབ་ཀྱི་གླེགས་བམ་མཐའ་དག་རྒྱ་བོད་བལ་གསུམ་གྱི་གཙོ་བྱས་པའི་འཛམ་གླིང་ཡུལ་གྲུ་མཐའ་དག་ནས་སྒོ་དང་ཐབས་ཤེས་ཡོད་དགུ་བཏོན་ནས་གཅིག་ཏུ་བསྡུས་ཤིང་བསྡུམས་ཏེ་དཔར་དུ་བསྐྲུན་པ་མ་ཟད།ཉེ་བའི་ལོ་ཟླའི་རིང་ལ་དཔེ་ཆ་དེ་དག་ཐམས་ཅད་གློག་ཀླད་དུ་བཅུག་སྟེ།དྲ་ཐོག་ཏུ་གཟིགས་ཐུབ་པ་དང་དཔར་ཐུབ་པ་བཅས་ལག་སྐྱེས་མཐའ་ཡས་པ་སྩལ།དམ་པ་འདིའི་མཛད་རྗེས་ལ་རྟེན་ནས་དེང་སེང་གངས་ཅན་གྱི་སྐད་དང་ཡི་གེ།ཆོས་དང་རིག་གཞུང་ལ་དོན་གཉེར་ཡོད་མཁན་ཞིག་ཡིན་ཚེ་དཔེ་ཆ་བཙལ་བ་ལ་དཀའ་ངལ་ཅི་ཡང་མེད་པར་བྱས།རང་རེ་བོད་ཀྱི་ཁ་དཔེ་ལ།ཨ་མའི་བུ་ལ་ཡོན་ཏན་ཡོད་ན།དགའ་ལྡན་ཁྲི་ལ་བདག་པོ་མི་འདུག་ཅེས་བཤད་སྲོལ་ཡོད་པ་ལྟར།དེང་སེང་E. Gene Smith་ཡིས་བཀའ་དྲིན་ལ་རྟེན་ནས།འདི་ལྟར་བཤད་ནའང་མ་བདེ་བ་མེད་པར་གྱུར།ཨ་མའི་བུ་ལ་དོན་གཉེར་ཡོད་ན།དཔེ་ཆ་བཙལ་བར་དཀའ་ལས་མི་འདུག       འདི་ཁོ་ནའི་བཀའ་དྲིན་ཡང་གངས་ཅན་པ་ཡོངས་ཀྱིས་འཇལ་བར་སླ་བ་མ་ཡིན་ནོ།     ད་ནི་རང་རེ་གཞོན་རབས་ཡོངས་ཀྱིས་འདུན་པ་སྔར་བས་ཀྱང་རྒྱ་ཆེར་བསྐྱེད་དེ་ཡུལ་གངས་ཅན་གྱི་སྐད་དང་ཡི་གེ        ཆོས་དང་རིག་གཞུང་གི་ངོ་བོ་ཡུན་དུ་གནས་པ་དང་སྐལ་བ་སྟོང་གི་བར་དུ་མི་ནུབ་པའི་རྒྱལ་མཚན་སྲིད་མཐར་ཡང་བསྒྲེང་བའི་ཆེད་དུ་E. Gene Smith་ཡིས་སྒྲུབ་པའི་དཔེ་མཛོད་དུ་བཞུགས་པའི་དཔེ་ཆ་མཐའ་དག་ལ་ཞིབ་འཇུག་དང་ཐོས་བསམ་སྒོམ་གསུམ་བགྱིས་ཏེ་ལེགས་པར་ཤེས་པར་བྱས་ན་དམ་པ་འདི་བའི་དགོངས་པའང་སྤྱོད་ལམ་དེ་ག་རང་གིས་རྫོགས་པར་ཡིད་ཆེས་བརྟན་པོ་ཡོད་ལ།དམ་པ་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཤས་ཡང་སྤྱོད་ལམ་འདི་ཉིད་ཀྱིས་འཁོར་བའི་ཡིད་ཆེས་ཡོད།

Posted in Remembering Gene | Comments Off on From Sachu

གངས་ཅན་རིག་པའི་དཔའ་བོ།

Posted in Remembering Gene | Comments Off on གངས་ཅན་རིག་པའི་དཔའ་བོ།